བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༡།༢༤ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– November.24,2025
ctatibettv
12 minutes 22 seconds
1 day ago
བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༥།༡༡།༢༤ 𝑻𝒊𝒃𝒆𝒕 𝑻𝑽 𝑫𝒂𝒊𝒍𝒚 𝑵𝒆𝒘𝒔– November.24,2025
◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་གུ་ཝཱ་ཧཱ་ཊི་དང་ལག་ནའོ་ནང་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་བ
◆ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་མཇལ་འཕྲད་གནང་བ།
◆ དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ནས་ཨོ་སི་ཀྲེ་ལི་ཡར་འོས་བསྡུའི་སྒྲིག་གཞིའི་གོ་རྟོགས་སྤེལ་འགོ་བཙུགས་པ།
◆ བཞུགས་སྒར་དྷ་རམ་ས་ལ་དང་། མེའོ་ཆོས་འཕེལ་གླིང་། སྒང་ཏོག་བཅས་ཀྱི་ས་འཐུས་རྣམས་ཀྱི་ལས་ཁུར་དམ་འབུལ་ལེགས་གྲུབ་བྱུང་བ།
◆ ཆོས་རིག་དྲུང་ཆེ་དང་འཕྲོད་བསྟེན་དྲུང་ཆེ་རྣམ་གཉིས་གཏོང་ལེན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༡ འཁོར་བའི་དུས་ཆེན་མཛད་སྒོར་ཕེབས་པ།
◆ ཨོ་སི་ཀྲོ་ལེ་ཤི་ཡའི་སྤྱི་འཐུས་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུའི་ཐོག་མཉམ་ཞུགས་གནང་བ།
◆ ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Jean-François Humbert མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།
◆ ཡུ་རོབ་གྲོས་ཚོགས་སུ་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་པ།
◆ ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བརྒྱད་པ་བསྐོང་ཚོགས་གནང་བ།
◆ སིམ་སྤྱི་ནས་༸གོང་ས་ཏཱ་ལའི་བླ་མའི་བདེ་སྐྱིད་ཀྱི་གསང་བ་ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ།
◆ ལབ་ལི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་གནང་བ།
Back to Episodes