Home
Categories
EXPLORE
True Crime
Comedy
Society & Culture
Business
TV & Film
History
Technology
About Us
Contact Us
Copyright
© 2024 PodJoint
00:00 / 00:00
Sign in

or

Don't have an account?
Sign up
Forgot password
https://is1-ssl.mzstatic.com/image/thumb/PodcastSource115/v4/04/65/43/04654398-1839-9ef8-8be9-0f398ddd88d3/6c2d07fb-ed65-4ce6-bfcb-9e6541e96615.jpg/600x600bb.jpg
Tibetan Freedom
Tibetan Freedom
20 episodes
2 days ago
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་དྷ་རམ་ས་ལར་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བ། ༣༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།
Show more...
News
RSS
All content for Tibetan Freedom is the property of Tibetan Freedom and is served directly from their servers with no modification, redirects, or rehosting. The podcast is not affiliated with or endorsed by Podjoint in any way.
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་དྷ་རམ་ས་ལར་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བ། ༣༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།
Show more...
News
Episodes (20/20)
Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༥༡ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་དྷ་རམ་ས་ལར་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བ། ༣༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།
Show more...
2 days ago
10 minutes 30 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༥༠ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཁྲལ་བསྡུའི་བློན་ཆེན་ཇ་གཏ་སིངྒ་ནེ་གི་མཆོག་ལ་མཇལ་ཁ་སྩལ་བ། ༢༽ ཧི་མཱ་ཅལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འབོད་ཞུས་སྐོར། ༣༽ གཞི་རིམ་བར་མའི་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ། ༤༽ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཆེད་བཅར་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་ཁྱབ་བློན་ཆེན། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། གྲོས་ཚོགས་ཀྱི་འཐུས་མི་བཅས་དང་ལྷན་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་པ།
Show more...
1 week ago
6 minutes 36 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༩ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤི་ཡའི་ཡུལ་ལུང་ཁག་ཏུ་དྲག་ཆར་རླུང་འཚུབ་ཀྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་པ། ༢༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་འདོན་སྤེལ་གནང་བའི་བདེ་སྐྱིད་ཅེས་པའི་དཔེ་དེབ་ཕུལ་བ། ༣༽ ཡུ་རོབ་བོད་རིགས་འབྲེལ་མཐུད་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་བེལ་ཇི་ཡམ་ཤེས་རབ་སྣང་འབྱེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་ལྟ་སྐོར་གནང་བ། ༤༽ གཞི་རིམ་འོག་མའི་འཛིན་རིམ་དང་པོའི་ཨང་རྩིས་སློབ་དེབ་ཀྱི་གཏན་འབེབས་ཚོགས་འདུ་བསྐོང་ཚོགས་གནང་བ། ༥༽ ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇེན་ཕ་རན་སྭ་ཧུམ་བྷ་ཊི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་གསོ་གནང་བ།
Show more...
1 week ago
7 minutes 4 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༨ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གུ་ཝཱ་ཧཱ་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱི་ནང་བོད་དོན་སྐོར་གསུང་བཤད་གནང་བ། ༣༽ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཅ་ལགས་དང་མཇལ་འཕྲད་གནང་བ། ༤༽ དབུས་འོས་བསྡུའི་སྤྱི་ཁྱབ་བསྟན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་ཨོ་གླིང་དུ་འོས་བསྡུའི་སྒྲིག་གཞིའི་སྐོར་གོ་རྟོགས་སྤེལ་འགོ་བཙུགས་པ།
Show more...
2 weeks ago
9 minutes 19 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༧ པ།
༡༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཡིར་ལན་ཌི་སྲིད་འཛིན་གསར་པ་མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་པ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༣༽ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་སྦིར་བོད་ཚོགས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐོར་གོ་རྟོགས་སྤེལ་བ། ༤༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ཕེབས་ཞུགས་གནང་། ༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་༸སྐུའི་གོ་སྟོན་སྲུང་བརྩིའི་དགོང་ཚིགས་རྒྱས་སྟོན་ཐོག་ཕེབས་ཞུགས་གནང་བ།
Show more...
3 weeks ago
8 minutes 35 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༦ པ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༥ ལོའི་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་མང་གཙོ་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་ཡུ་ཊར་བྱམས་བརྩེའི་ཉིན་མོ་སྲུང་བརྩིའི་མཛད་སྒོར་ཕེབས་ཞུགས་གནང་བ། ༢༽དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ། ༣༽ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་བོད་ཀྱི་དགེ་རྒན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་གནང་བ། ༤༽ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་དམིགས་བསམ་སྐུ་མགྲོན་དུ་ཆེད་ཕེབས་གནང་བ།
Show more...
3 weeks ago
7 minutes 36 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༥ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དང་སློབ་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མཇལ་བཅར་བ་སུམ་བརྒྱ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་བ། ༣༽ ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ། ༤༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་ལ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། ༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ཁག་དང་མཇལ་འཕྲད་གནང་བ།
Show more...
1 month ago
10 minutes 1 second

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༤ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་འོང་གི་སྲིད་བློན་གསར་པར་འཚམས་འདྲི་ཞུས་པ། ༣༽ ཉི་འོང་ཨོ་སཱ་ཀཱ་ཏ་ཀཱ་སུ་ཀི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་དཱ་ཡུ་ཀི་ཀོ་མོ་རི་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ། ༤༽ བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
Show more...
1 month ago
9 minutes 9 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༣ པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦར་ལིན་དུ་ཇར་མན་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་གནང་བ། ༢༽ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ཀྱི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་བ། ༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ། ༤༽ དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་མེའོ་དང་ཏི་ཛུ་གཞིས་ཆགས་ཀྱི་གཞུང་འབྲེལ་ཕྱོགས་སྐྱོད་ལེགས་གྲུབ་བྱུང་བ།
Show more...
1 month ago
5 minutes 26 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༢ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་མ་རི་ཡ་ཀོ་རི་ན་མ་ཆ་ཌོ་ལགས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞི་བདེའི་གླེང་སྟེགས་ཐོག་གསུང་བཤད་གནང་བ། ༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུས་འོས་བསྡུ་ལས་ཁང་གི་འགོ་ལས་ཡོངས་ལ་མཇལ་ཁ་སྩལ་བ། ༤༽ དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་ཞུགས་གནང་བ། ༥༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཇར་མ་ནིར་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པ།
Show more...
1 month ago
7 minutes 3 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༡ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སཱ་ར་མུ་ལེ་ལི་མཆོག་ཀན་ཊར་བྷེ་རིའི་མཆོད་དཔོན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་པ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་དད་ལྡན་མི་མང་ལ་ཆོས་འབྲེལ་བཀའ་དྲིན་སྩལ་བ། ༣༽ དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཨམ་རིག་སིངགྷ་ཐཱ་ཀུར་ལགས་དང་བསྟན་འཛིན་བསོད་ནམས་ལགས་རྣམ་གཉིས་དང་མཇལ་འཕྲད་གནང་བ། ༤༽ སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ། ༥༽ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།
Show more...
1 month ago
9 minutes 58 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༤༠ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༠ པའི་ཐོག་ཨོ་གླིང་གིས་རྒྱ་ནག་གཞུང་ནས་༸སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་གནང་བ། ༣༽ ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་ཆུང་ཞིག་ཉི་འོང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བ། ༤༽ སུད་སི་དོན་ཁང་གི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གསལ་འདོན་གནང་བ། ༥༽ ཆོས་རིག་ལས་ཁཱུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་ལམ་ནས་༸སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ།
Show more...
1 month ago
7 minutes 21 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༩ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་༸སྐུའི་གོ་སྟོན་དུ་བརྟན་བཞུགས་འཁྲབ་གཞས་གཟིགས་འབུལ་ཞུས་པ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འདྲི་མཛད་པ། ༣༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་ཕེབས་བཞུགས་གནང་བ། ༤༽ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་ཐོག་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བདམས་ཐོན་བྱུང་བ།
Show more...
2 months ago
8 minutes 40 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༨ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་རཱ་དྷཱ་ཀྲིཤ་ནན་མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༢༽ དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པ་སྐུ་ཞབས་སི་པི་རཱ་དྷཱ་ཀྲིཤ་ནན་མཆོག་ལ་འཚམས་འདྲི་ཞུས་པ། ༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ། ༤༽ བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གནད་ཡོད་མི་སྣ་ཁག་གཅིག་ལ་དགོང་ཚིགས་འདེགས་འབུལ་ཞུས་པ། ༥༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཨིན་དྲེཤ་ཀུ་མཱར་ལགས་དང་། སྐུ་ཞབས་རཱམ་ལཱལ་ལགས་རྣམ་གཉིས་ཀྱིས་མཇལ་ཁ་ཞུས་པ།
Show more...
2 months ago
7 minutes 34 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༧ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་ཆར་ཞོད་རྐྱེན་གྱིས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ། ༢༽ བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ། ༣༽ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་དཱ་ཡུ་ཆི་རོ་མཆོག་དང་ལྷན་མཇལ་འཕྲད་གནང་བ། ༤༽ ཀུལླུ་དཔལ་རབ་གླིང་ས་གནས་ཁག་ཏུ་ཆར་ཞོད་ཀྱི་གོད་ཆག་མུ་མཐུད་བྱུང་བ། ༥༽ ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲེ་ལི་ཡའི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་ཕྱོགས་འགལ་ཚོགས་པའི་བློན་ཆེན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་མི་ཁེ་ལི་ཡ་ཀེཤ་མཆོག་དང་མཇལ་འཕྲད་གནང་བ།
Show more...
2 months ago
8 minutes 28 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༦ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དྷ་ས་ཁུལ་གྱི་འཚམས་གཟིགས་ཐེངས་གཉིས་པ་ལེགས་པར་མཇུག་བསྒྲིལ་བ། ༣༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དེང་དུས་ཀྱི་རིག་རྩལ་བརྒྱུད་མདུན་ལམ་སློབ་སྟོན་བྱེད་ཐབས་ཀྱི་ཟབ་སྦྱོང་ཐོག་ལམ་སྟོན་གནང་བ། ༤༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བ།
Show more...
2 months ago
8 minutes 54 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༥ པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཌོ་བཀྲ་ཤིས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ། ༢༽ ཤེས་རིག་བཀའ་བློན་མཆོག་ནས་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་སཾ་བྷོ་ཊ་བོད་སློབ་ཚོགས་པ་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཁག་ཏུ་གཟིགས་སྐོར་སྣེ་འཁྲིད་གནང་བ། ༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚོ་པདྨར་གནས་འཁོད་བོད་མི་རྣམས་ལ་ཉེ་ཆར་རྒྱ་ནག་སྲིད་འཛིན་བོད་དུ་སླེབས་པའི་དགོས་དམིགས་སྐོར་གཙོ་དོན་གྱིས་གསུང་བཤད་གནང་བ། ༤༽ གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་བ། ༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་ཁོངས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་བ།
Show more...
3 months ago
10 minutes 51 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༤ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། བསོད་ནམས་གླིང་བོད་མིའི་གཞིས་ཆགས་བཅས་ནས་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་ ༧༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ། ༣༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་ཨ་རིའི་གཞུང་དོན་གནང་སྒོ་ཁག་ལེགས་པར་གྲུབ་པ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལི་བསམ་ཡས་གླིང་དུ་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།
Show more...
3 months ago
11 minutes

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༣ པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་ལེགས་པར་གྲུབ་པ། ༢༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་མིག་དམར་རྡོ་རྗེ་ལགས་ཀྱིས་སྐོར་སྐྱོད་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་པ། ༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་བརྟེན་ནས་བཙན་བྱོལ་ནང་ངོ་བོ་རྒྱུན་འཛིན་བྱེད་ཐབས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་བ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནཻ་ནི་ཏཱལ་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།
Show more...
3 months ago
9 minutes 41 seconds

Tibetan Freedom
བོད་མིའི་རང་དབང་འདོན་ཐེངས་ ༣༢ པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གླེ་ཡི་ཇོ་ཁང་བསྐྱར་བཞེངས་ཀྱི་ས་གཞིར་བྱིན་རླབས་དང་མི་མང་ལ་བཀའ་སློབ་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ། ༣༽ དཔལ་ལྡན་ཚོགས་གཞོན་མཆོག་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ། ༤༽ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་བསྐོ་རྣམས་ལ་ཟབ་སྦྱོང་གནང་བ།
Show more...
3 months ago
9 minutes 22 seconds

Tibetan Freedom
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་པ། ༢༽ དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་དྷ་རམ་ས་ལར་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བ། ༣༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པའི་ནན་བརྗོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།